༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཚ་ནེ་གཟུངས་སྒྲུབ་རི་ཁྲོད་གྱི་སྒྲུབ་གྲྭའི་དབུ་འཛུགས་མཛད་སྒོ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-07-03] [རྩོམ་པ་པོ།:དགེ་བཤེས་སྦྱིན་པ་གཙུག་ཕུད།] [གཟིགས་ཐེངས:]

༧ དཔལ་གཤེན་བསྟན་ཚྭ་ནེ་གཟུངས་སྒྲུབ་རི་ཁྲོད་ཀྱི་སྐབས་དང་པོའི་སྒྲུབ་གྲྭ་དབུ་བརྙེས་པའི་མཛད་སྒོ་ཆེན་མོའི་དུས་སྟོན།

01.jpg

02.jpg

ཕེབས་བསུ་ཞུ་བཞིན་པ།

03.jpg

04.jpg

05.jpg

06.jpg

07.jpg

08.jpg

ཀ་དག་བོན་སྐུ་མ་བཅོས་གཤིས་ཀྱི་སྐུ།།
ལྷུན་གྲུབ་རང་གསལ་ངེས་པ་རྗོགས་པའི་སྐུ།།
གང་འདུལ་མ་ངེས་འགྲོ་དོན་མངོན་གཟིགས་པའི།།
དབྱེར་མེད་སྐུ་གསུམ་ལྷ་དེ་དུས་ཀུན་རྒྱལ།།

ཡེ་སྟོང་མཁའ་ལས་མཁྱེན་བརྩེའི་ཉི་ཟེར་རྒྱས།།
མཐའ་ཡས་མ་རྣམས་རྒྱལ་བའི་ཞིང་མཆོག་ཏུ།།
དུས་བསྟུན་འདྲེན་པ་ཆེན་པོའི་རྒྱལ་སྲས་དེ།།
ཨ་ཤག་འོད་ཟེར་སྦྱིན་པ་ཕྱག་གི་ཡུལ།།

ཤར་ནུབ་མཁས་པའི་དགོངས་བཅུད་ཐུགས་ལ་བཀོད།།
དྲང་བདེན་ཚད་མའི་ལམ་ནས་བསྐྱོད་མཁས་ཅིང་།།
བཅུ་རིག་ནང་རྒྱན་སྤྲས་པའི་དགེ་སྦྱོང་བ།།
རྒྱལ་སྲས་གཡུང་དྲུང་སེམས་དཔའ་ཨེ་མ་རྨད།།

09.jpg

དགེ་བཤེས་སྦྱིན་པ་གཙུག་ཕུད།

10.jpg

དགེ་བཤེས་གཡུང་དྲུང་སེམས་དཔའ།

   ཞེས་བསྟོད་ཚིག་གུར་གུམ་ཆུན་པོས་མདུན་བསུས་ཏེ། གང་ཞུ་བར་བྱ་བ་ནི།  དེ་རིང་ཚེས་བཟང་སྐར་བཟང་གི་ཉིན་མོ་སྟེ།  གནམ་ཨ་སྔོན་ཉི་ཟླ་སྐར་གསུམ་གྱིས་མཛེས་ཤིང་།  ས་དོག་མོར་རྩི་ཤིང་ནགས་ཚལ་གྱི་དཔལ་ཡོན་རྒྱས་པ།  སྐྱབས་རྗེ་རྩ་བའི་བླ་མའི་གསེར་ཞལ་མཇལ་ཞིང་།  མཆེད་གྲོགས་བླ་སློབ་ཀུན་མཉམ་འཛོམས་བྱུང་སྟེ།  དགེ་བཅུའི་དཔལ་ཡོན་བསྐྲུན་པའི་དུས་ཆེན་ཞིག་ཀྱང་ཡིན་ལ།  ལྷག་པར་དུ་༧དཔལ་གཤེན་བསྟན་ཚྭ་ནེ་གཟུངས་སྒྲུབ་རི་ཁྲོད་ཀྱི་སྐབས་དང་པོའི་སྒྲུབ་གྲྭ་དབུ་འཛུགས་ཀྱི་མཛད་སྒོ་ཆེན་མོའི་དུས་སྟོན་དེ་ཡིན་པས་རེད།  མཛད་སྒོ་ཆེན་མོ་འདི་ལྟ་བུ་འཚོགས་ཐུབ་པ་འདི་ནི།  ལྷག་བསམ་རེ་རེས་ཀུན་ནས་སློང་སྟེ་མི་སྣ་རེ་རེས་བྱས་རྗེས་ཀྱང་ཡིན་ལ།  མགོ་རིལ་རིལ་དོན་གྱི་བདག་པོའི་འདི་ཕྱི་གཉིས་ཕན་གྱི་བྱ་གཞག་ཞིག་ཀྱང་ཡིན།  དེའི་མ་ཚད།  སངས་རྒྱས་རིགས་ལྔའི་ཞིང་ལ་བགྲོད་སའི་སྒོ་ཆེནའང་ཡིན་ལ།  བཅུ་ཕྲག་རིག་པའི་ཉིང་བཅུད་ལེན་སའི་ཐབས་ལམའང་འདི་ཡིན།

11.jpg

12.jpg

13.jpg

14.jpg

15.jpg

     མ་འོངས་གཤེན་བསྟན་གསལ་བར་བྱེད་པའི་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་རྒྱས་པའི་སྟ་གོན་གྱི་ལེའུ་གསར་པ་ཞིག་ཡིན་ལ།  གཤེན་གྱི་དཀའ་ཐུབ་ཚུལ་བཞིན་སྤྱོད་པའི་ཚད་ལྡན་གྱི་སློབ་མའི་མི་ཚེའི་རིན་ཐང་ངོམ་ས་དེའང་ཡིན་ངེས།

16.jpg

བཀའ་སློབ་གསུངས་བཞིན་པ།

17.jpg

18.jpg

19.jpg

20.jpg

བསྟན་སྦྱིན་རྣམ་པ།

     དེས་ན།  དགེ་ཚོགས་འདིའི་མཐུས་མཁའ་མཉམ་འགྲོ་བ་སྤྱི་དང་།  འབྲེལ་ཡོད་ཀྱི་གོང་འོག་བར་གསུམ་གྱི་མི་སྣ་ལྷན་རྒྱས།  ལྷག་པར་དུ་གནས་སྐབས་སྦྱིན་པའི་བདག་པོ་རྣམས་སྐུ་ཚེའི་མཛད་འཕྲིན་ཡར་ངོའི་དཔལ་ལ་འགྲན་པ་དང་།  སྟོབས་འབྱོར་རིགས་རྒྱུད་དབྱར་མཚོའི་རྒྱུན་བཞིན་འཕེལ་ཤིང་།  ཅི་བསམ་དོན་འགྲུབ།  ནད་མེད་ཚེ་རིང་།  བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་།  ཚྭ་ནེ་གཟུངས་སྒྲུབ་རི་ཁྲོད་ཀྱི་འཆད་རྩོད་རྩོམ་པའི་འདུས་སྡེ་འདི་ཉིད་མཁའ་ཁྱབ་འགྲོ་བའི་སྐྱིད་དཔལ་དུ་།  དར་ཞིང་རྒྱས་པའི་བཀྲ་ཤིས་ཁ་གཡང་ལན་བརྒྱར་ཞུའོ།།

21.jpg

22.jpg

རྩོམ་པ་པོ།  དགེ་བཤེས་སྦྱིན་པ་གཙུག་ཕུད།

པར་ལེན་པ།  ཁྱུང་བཙན་རྒོད།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།