༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
ཁྱུང་པོའི་དྲྭ་བར་ཕེབས་པར་དགའ་བསུ་ཞུ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-12] [རྩོམ་པ་པོ།:ཚ་བའི་འཕྲུལ་མདའ།] [གཟིགས་ཐེངས:]

QQ图片20170612151259.jpg

           འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་མཁས་དབང་རྣམ་པ་གཙོས་པའི་རྒྱ་ཆེའི་དྲྭ་འཇུག་པ་ཡོངས་ཀྱི་སྤྱན་སྙན་རིན་པོ་ཆེའི་ཡུལ་དུ་འབུལ་དོན་ལ།  མདོ་གམ་སུམ་པ་གླང་གི་གྱིམ་ཤོད་ཞང་ཞུང་སྒོ་པའི་རྒྱལ་ཁམས་སུ་འབོད་པའི་ས་གནས་ཁྱུང་པོ་སྟེང་ཆེན་ཞེས་པ་འདི་ནི་སྔར་ནས་ད་བར་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས།  ཤེས་རིག་ལོ་རྒྱུས།  ཆོ་ག་ཕྱག་ལེན་བཅས་པའི་བྱིན་རླབས་ཀྱི་ཆུ་བོ་འཁྱིལ་ཞིང་གཟི་བྱིན་གྱི་འོད་ཟེར་འབར་བའི་ས་གནས་ཞིག་ཡིན་ལ།  ལྷག་ཏུ་ད་ལྟའི་ཆར་ཀྲུང་གོའི་ཞང་ཞུང་རིག་གནས་ཀྱི་ཞིབ་འཇུག་བྱ་ཡུལ།  ཀྲུང་གོའི་རལ་པའི་སྒྱུ་རྩལ་གྱི་ཕ་ས།  རིན་ཆེན་གཡང་ཊིའི་ཞིང་ཁམས།  གོང་ཆེན་དབྱར་རྩྭའི་ལྟེ་གནས་ཞེས་པའི་བསྔགས་བསྟོད་ཀྱིས་ཕྱོགས་བཞིའི་མགྲོན་པོ་འགུག་བཞིན་པའི་དུས་འདིར།  ངེས་དོན་རང་ངོར་བླ་མེད་རྫོགས་ཆེན་ཐེག་པའི་ལྟ་དགོངས་དང་མི་འབྲལ་ཞིང་།  དྲང་དོན་གཞན་ངོར་རླབས་ཆེན་བསྟན་འགྲོའི་དོན་མཛད་རྒྱལ་སྲས་ཀུན་དགའ་འོད་ཀྱི་རྟུལ་ཞུགས་འཆང་བའི་དཔོན་གསས་བླ་མ་དམ་པ། ༧ དོན་གྱི་མཚན་སྨོས་ན་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོའི་ནོར་བུའི་སྐུ་གསུང་ཐུགས་གསུམ་གྱིས་གཙོ་སྐྱོང་གནང་བའི་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་ནས་ཁྱུང་པོ་དྲྭ་བའི་རྩོམ་སྒྲིག་སྡེ་ཚན་བཙུགས་ཏེ།  ཁྱུང་པོ་དྲྭ་བ་ཞེས་པ་ཤར་གཏོང་བྱས་ནས་ལོ་ངོ་ ༤ ལྷག་ཕྱིན་པའི་རིང་དུ་དྲྭ་གཞིའི་ཐོག་ཏུའང་ཤར་རྫ་པའི་གསུང་འབུམ་གཙོས་པའི་རྩ་ཆེའི་འཕྲུལ་དེབ་རིགས་དང་།  ཁྱུང་པོའི་ཁྲ་བྲིས་སོགས་ཡིག་གཟུགས་རིགས་དུ་མ་རིན་མེད་དུ་ཕབ་ལེན་བྱ་ཆོག་པར་བཤམ་ཡོད་ལ།  དེ་བཞིན་རྩོམ་རིག་དང་ལོ་རྒྱུས་བོན་ཁྲིད་མཚམས་སྦྱོར་སོགས་སུ་རྒྱལ་ཕྱི་ནང་གང་ས་ནས་བསྡུ་ལེན་སྤེལ་འགོད་ཀྱི་ཞབས་ཕྱི་ཞུས་དང་ཞུ་བཞིན་ཡོད།

QQ图片20170615140530.jpg

སྤྲུལ་བསྟན་འཛིན་བཟོད་པ།

ད་ལྟའི་ཆར་ཁྱུང་པོའི་དྲྭ་བའི་སྒྲོམ་གཞི་སྔར་བས་ཅུང་ལེགས་པ་བཟོས་ཏེ་ཀུན་སྣང་ཁྱབ་པའི་དྲྭ་བའི་དཔེ་མཛོད་དང་།  ཁྱུང་པོའི་དྲྭ་བ་གཉིས་བཤེར་རིས་གཅིག་གིས་འཇུག་ཐུབ་པར་བྱས་ཡོད་པས།  སུམ་པ་གླང་གི་སྒལ་རྩིབ་ཏུ་གནས་འཆའ་བའི་ཁྱུང་པོ་དཀར་ནག་སེར་གསུམ་གྱི་དགོན་སྡེ་ཡོངས་དང་།  དེ་བཞིན་སློབ་གྲྭ།  ལྷ་བཟོ།  བྲིས་པ།  མགར་བ།  ཚོང་པ།  སྨན་པ།  སྙན་ངག་པ།  གླུ་པ་གླུ་མ།  ཆེད་རམས་པ་གཙོས་པའི་བོད་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གང་སར་བཞུགས་པའི་སྐྱ་སེར་རིས་སུ་མ་ཆད་པའི་མཁྱེན་ལྡན་པའི་སྡེ་སྤྱི་ནས།  ངེད་ཁྱུང་པོའི་དྲྭ་བར་ཕེབས་ཏེ་ཆོས་ཀྱི་དགོངས་དོན་བཞིན་བསྟན་པ་དང་གདུལ་བྱར་ཕན་ཞིང་།  འཇིག་རྟེན་པའི་མཁོ་དགོས་ལྟར་ཆབ་སྲིད་དང་མི་ཆོས་ལ་མ་འགལ་ཞིང་།  འཚོ་བའི་སྟོང་ཆ་གསོ་ཞིང་སྐྱོན་ཆ་འདོན་པའི་རྩོམ་རིག་དང་གླུ་གཞས་གནས་བསྡུས་གང་མང་མཐུན་སྦྱོར་གནང་མཛོད་དང་།  ང་ཚོ་ཁྱུང་དྲྭ་རྩོམ་སྒྲིག་པས་བརྒྱུད་སྤེལ་འགོད་གསུམ་གྱི་ལས་དོན་མི་བསྙེལ་པར་བྱ་ཡོང་ཞེས་གསལ་བརྡའི་ཚུལ་དུ་ཁྱུང་པོའི་དྲྭ་བའི་རྒྱུན་ལས་པ་ཚ་བའི་འཕྲུལ་མདའ་ནས།  ༢༠༡༧/༦/༡༢ ཉིན།

གླུ་མ། རྣམ་རྒྱལ་ཆོས་མཚོ། (2).jpg

གླུ་མ།  རྣམ་རྒྱལ་ཆོས་མཚོ།

གླུ་པ། དགེན་བློ་ཚེ།.jpg

གླུ་པ།  དགེན་བློ་ཚེ།

གླུ་མ། གངས་དཀར་མཚོ།.jpg

གླུ་མ་གངས་དཀར་མཚོ།

གངས་བུ•ཀརྨ་བསྟན་དར།.jpg

གླུ་མ།  གངས་བུ•ཀརྨ་བསྟན་དར།

གླུ་མ། ཕུལ་སྒྲོན།-OK.jpg

གླུ་མ།  ཕུལ་སྒྲོན།

གླུ་པ། ཚེ་དབང་ཆོས་རྒྱལ།-OK.jpg

གླུ་པ།  ཚེ་དབང་ཆོས་རྒྱལ།

གླུ་མ། བཀྲ་ཤིས་ཚེ་སྒྲོན།-ok.jpg

གླུ་མ། བཀྲ་ཤིས་ཚེ་སྒྲོན།

གླུ་པ། བསྟན་འཇམ།-ok.jpg

གླུ་པ།  བསྟན་འཇམ།

གླུ་མ། ཚེ་དབང་མཚོ་སྐྱིད།-ok.jpg

གླུ་མ།  ཚེ་དབང་མཚོ་སྐྱིད།

གླུ་པ། གྲགས་པ་རྒྱལ་མཚན།-ok.jpg

གླུ་པ།  གྲགས་པ་རྒྱལ་མཚན།

གླུ་མ། དུང་དཀར་མཚོ།-ok.jpg

གླུ་མ།  དུང་དཀར་མཚོ།

གླུ་པ། ཨ་མདོའི་བློ་བཟང་།-ok.jpg

གླུ་པ།  ཨ་མདོའི་བློ་བཟང་།

གླུ་མ། དཔལ་མཚོ།-ok.jpg

གླུ་མ།  དཔལ་མཚོ།

གླུ་པ། སོག་སྟག་འབྲུག-ok.jpg

གླུ་པ།  སོག་སྟག་འབྲུག

གླུ་མ། ཧོ་གཙང་ལྟ་ལུང་མཚོ། -ok.jpg

གླུ་མ།  ཧོ་གཙང་ལྟ་ལུང་མཚོ།

གླུ་པ། རྡོ་འབུམ།-OK.jpg

གླུ་པ།  རྡོ་འབུམ།

གླུ་མ། ཆོས་སྒྲོན།-ok.jpg

གླུ་མ།  ཆོས་སྒྲོན།

གླུ་པ། བསོད་ནམས་གསལ་གཏན།-OK.jpg

གླུ་པ།  བསོད་ནམས་གསལ་གཏན།

ཁྱུང་པོའི་དྲྭ་གནས།  xz.qiongbuwang.com


པར་རིས་མུ་འགོད།་་་་་་་་་་་་་་་་་་་་་་་་་་་་་་




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།