༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 3 སློབ་གླིང་དང་མཛད་སྒོ།
3 སློབ་གླིང་དང་མཛད་སྒོ།
ཚྭ་ནེ་རི་ཁྲོད་དུ་སྟོན་པའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:ཀྱད་གནི་བེར་གཟུ་ནས།] [གཟིགས་ཐེངས:]



 དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ།

    རྣམ་མཁྱེན་ཡང་དག་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས།  ལོ་ཡི་དང་པོ་བྱི་བ།  ཟླ་བའི་དང་པོ་དཔྱིད་ཟླ་ར་བ།  ཞག་གི་དང་པོ་ཚེས་བཅོ་ལྔ།   དུས་ཚོད་ཀྱི་དང་པོ་ནམ་ལངས།  སྐར་མའི་དང་པོ་རྒྱལ་གྱི་རུ་གོང་ལ།  དག་ཞིང་འོལ་གླིང་དུ་སྐུ་མཆོག་མངོན་པར་བལྟམས་པའི་སྐལ་བཟང་གི་ཉིན་མོ་སྟེ།   དཔྱིད་ར་ཧོར་ཟླ་༼༡༢༽པའི་ཚེས་༼༡༥༽ཉིན    ཚྭ་ནེ་རི་ཁྲོད་ཀྱི་ལྷ་སྡེ་བླ་གྲྭ་བཙུན་མ་རྣམས་ཀྱིས་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་སྐར་བསུས་ཏེ་གླིང་སྐོར་ཕེབས་ནས་མཆོད་པ་རྒྱས་འབུལ་ཞུས། དེ་ཡང་སྤྱིད་ར་ཧོར་ཟླ་༡༢ པའི་ཚེས་ ༡༥ ལ་སྟོན་པའི་འཁྲུངས་སྐར་ཡིན་པ་མང་ཆེ་བའི་ཁས་ལེན་གཅིག་མཐུན་ཡོད་ཀྱང་།  དེ་ཡང་མཛད་མདོ་རྒྱས་འབྲིང་རྣམས་དང་། བླ་ཆེན་དྲན་པ་སོགས་མང་ཐོས་མཁས་གྲུབ་དུ་མའི་དགོངས་པ་གཅིག་གནས་ཀྱི་སྒོ་ནས་གོང་ཞུས་ལྟར་གྱི་ལོ་ཟླ་ཞག་དུས་གཟའ་སྐར་དང་བཅས་པ་གསལ་བར་གསུངས་ཤིང་།  ལྷག་པར་དུ་བཅོ་ལྔའི་ཉ་སྐར་རྒྱལ་ལ་ཁེལ་བ་ཧོར་ཟླ་༼༡༢༽པའི་ཚེས༼༡༥༽མ་གཏོགས།  གཞན་པའི་ཟླ་ཚེས་དེ་དག་གི་ཉ་སྐར་རྒྱལ་ལ་ཐུག་ཐབས་མེད་པ་ནི།  དཔེར་ན།  ཉ་སྐར་གྱི་དབང་དུ་བྱས་པའི་ཟླ་བ་བཅུ་གཉིས་ནི།  ༡༡ སྐར་མ་མགོ་ཟླ་དང༌། ༡༢ རྒྱལ་ཟླ་བ།  མཆུ་ཟླ་།  དབོ་ཟླ།  ནག་པ་ཟླ་བ།  ས་ག་ཟླ་བ།  སྣྲོན་ཟླ།  ཆུ་སྟོད་ཟླ།  གྲོ་བཞིན་ཟླ།  ཁྲུམས་སྟོད་ཟླ།  ཐ་སྐར་ཟླ། ༡༠ སྨིན་དྲུག་ཟླ་བ་བཅས་ཡིན་པ།  རིགས་པའི་སྒོ་ནས་ངེས་སོ།།







     ལུང་ལས་ཀྱང་།  ལོ་རྒྱལ་ཤིང་ཕོ་བྱི་བ་ཡི། དཔྱིད་ར་མེ་སྟག་ཟླ་ཚེས་ ༡༥ ཀྱི། རྒྱལ་ཕུར་འཛོམས་པའི་ནམ་ལངས་ལ། འགྲོ་བ་རང་མཐུན་ཆ་ལུགས་སུ། མངོན་པར་བལྟམས་པ་ཕྱིན་གྱི་ལོ།  ཞེས་གསུངས་པའི་ཕྱིར་རོ།།  མདོར་ན།  འོ་ཅག་རྣམ་མཁྱེན་གཤེན་གྱི་རྗེས་འབྲེང་དང་།  དེའི་བཀའ་ལ་ཡིད་ཆེས་ཐག་ཆོད་པ་ཡོད་མཁན་ཞིག་ཡིན་ན་མཛད་མདོ་རྒྱས་འབྲིང་སོགས་ལ་གཟིགས་ན་ཐེ་ཚོམ་གྱི་དྲྭ་རྒྱ་སྔ་ནས་རལ་ས་འདུག།  དེ་མིན་དྲན་འཆར་རྟོག་བུན་ཁོ་ནས་མཐའ་ཆོད་ལྟ་ཅི།  དགོན་ཁྱི་བརྡུང་ན་བླ་མའི་ཐུགས།  ཟེར་བ་ལྟར་མི་འགྱུར་བའི་ངེས་པ་མེད་འགྲོ།  དཔེར་ན་གཟེར་མིག་ལས། གཤེགས་པའི་དུས་ཚོད་ཀྱང་འདི་ལགས་ཏེ།  ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི།  འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས།  ནན་ཏན་གྱིས་སེམས་ཅན་འདུལ་ཞིང༌།  ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ།  །ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི།  ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ།  །ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི།  སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང༌།  ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ།  །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི།  བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང༌།  འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ།   ཞེས་སོགས་ལུང་ཚིག་མང་དུ་གནས་སོ།།



ཀྱད་གནི་བེར་གཟུ་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།