༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
གཏམ་བཟང་གསལ་བརྡ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:སྒོ་མཛོད་དཔེ་སྒྲིག་ཚན་ཆུང།] [གཟིགས་ཐེངས:]


                                                                   

                                     གཏམ་བཟང་གསལ་བརྡ།


      ཁྱེད་ཀྱིས་གནའ་ངག་བོན་གྱི་སྙན་དབྱངས་ལ་རོལ་ནས། ཏི་སེ་ལས་ཀྱང་དཔང་མཐོ། མ་པང་ལས་ཀྱང་རྒྱུན་རིང་བའི། གངས་ཡུལ་ཞིང་ཁམས་འདི་ཡི་འོད་སྟོང་འབར་བའི་ཕྱི་ནང་གསང་གསུམ་གྱི་མཛེས་པ་བསྔོག་འདོད་ན། ཁྱེད་ཀྱིས་གངས་རིའི་སྟོན་པ་གཤེན་རབ་མི་བོའི་ཞབས་རྗེས་འཚོལ་ནས། ཁོང་གི་སྐུ་གསུང་ཐུགས་གསུམ་ཀྱི་ཡོན་ཏན་ལ་རྒྱུས་ལོན་བྱེད་དེ། གཡུང་དྲུང་བོན་ཞེས་པའི། བོད་རང་སའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་གང་དེ་ཡི་རང་མདོག་ངོ་མ་དེ་བལྟ་འདོད་ན། ཁྱེད་ཀྱིས་མི་ཡི་འཚོ་བ་དངོས་དང་ཁ་ཐག་ཉེ་བའི་རྒྱུ་བོན་རྣམ་བཞིའི་རྒྱུན་སྐྱོང་། དགེ་དྲང་ཐེག་པའི་ཚུལ་ལ་བསམ། ཨ་ཡེ་ཐེག་པའི་ལས་རིམ་ལ་ཞིབ། ཡང་རྩེ་ཐེག་པའི་ལྟ་བའི་ཁོག་དཀྲོལ་ཏེ། གདོང་དམར་བོད་པའི་ལོ་རྒྱུས་འདི། ཕུགས་རྒྱང་རིང་ཙམ་དང་།  ཕུན་སུམ་ཇེ་འཚོགས་སུ་གཏོང་འདོད་ན།འདི་ནས་ཁྱེད་ལ་མ་ནོར་སྟབས་བདེའི་ལམ་ཁ་ཞིག་བསྐྲུན་ཡོད།

དེ་ཡང་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིགས་ཁང་ནས་ལོ་མང་རིང་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་འབད་འབྲས་སུ། དེ་སྔོན་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རམ་<སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས།>ཞེས་པའི་གསུང་པོད་༢༠༠ཅན་དེ། <གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ>ཞེས་པའི་དེབ་གྲངས་༡༥༠བདག་ཉིད་ཅན་གྱི་དེབ་གཟུགས་སུ་བསྐྲུན་ཡོད་ལ། བོན་གྱི་བཀའ་འགྱུར་དེབ་གཟུགས་སུ་བསྐྲུན་པའི་ཐོག་མ་ཡང་ཡིན། ད་ཆ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་ནས། ཤིན་ཧ་དཔེ་ཚོང་ཁང་དང་། དེ་བཞིན་ཁྲིན་ཏུ། ནག་ཆུ་སོགས་ཕྱོགས་གང་སར་འགྲེམ་སྤེལ་བྱས་ཡོད།

དེར་བརྟེན། ཁྱེད་སེར་མོ་སྡེ་དང་ཉམས་ལེན་པའི་སྡེ། མཁས་པ་དང་ཞིབ་འཇུག་པ། དགེ་རྒན་དང་སློབ་མ་སོགས་ཁྱེད་ཀློག་པ་པོ་ལྷན་རྒྱས་ནས་བླུ་དགོས་དགོངས་ན། གོང་གསལ་ས་གནས་ཁག་ནས་བླུ་ཉོ་ཐུབ་ཀྱི་ཡོད་ལ། མ་ཟད་ས་ཕྱོགས་གང་ས་ནས་མངག་ཉོ་བྱས་ན་ཡང་འགྲིག

ས་ཕྱོགས་སོ་སོའི་འབྲེལ་གཏུག་མི་སྣ་དང་གོང་ཚད་ཁ་པར་ཨང་གྲངས་བཅས་གཤམ་གསལ་ལྟར་ཡིན།

ལྷ་ས་དང་ཁྲིན་ཏུའི་ཤིན་ཧ་དཔེ་ཚོང་ཁང་ནས་བླུ་བཞེངས་བྱས་ན།  སྒོར།  ༦༨༠༠

   ང་ཚོ་དགོན་པའི་བཀའ་བརྟེན་དཔེ་རྙིང་ནང་ཁུལ་ ( སྟེང་ཆེན།  ནག་ཆུ།  ཁྲིན་ཏུའུ།  ལྷ་ས། ) ནས་བླུ་བཞེངས་བྱས་ན།༥༥༥༠  བཅས་ཡིན།

ཁྲིན་ཏུའུ།        བསྟན་པ།       13982188985

            ཤེས་རབ་འོད་ཟེར།  13551156788

ལྷ་ས།     བཀྲ་ཤིས་སྦྱིན་པ།      15108393888

           བསམ་འགྲུབ་ནོར་བུ། 13549014488

ནག་ཆུ།  ཚུལ་ཁྲིམས་བློ་གྲོས།   18289084599

སྟེང་ཆེན། བསོད་ནམས་བཀྲ་ཤིས། 13518954196

            ཡེ་ཤེས་ཚེ་རིང་།            13659551299

བཅས་ཡིན།   ཚང་མ་བཀྲ་ཤིས་བདེ་ལེགས།                                     

                                                       

                                                                               སྨྲས་པ།


                         གནའ་རིག་མི་ཉམས་རྒྱུད་འཛིན་ལ།།

                         དེང་འགྲོས་གོམ་པ་མ་སྤོས་ན།།

                         ཀླད་མཁྲེགས་ཉི་ཚེའི་བསམ་བློ་ཡིས།།

                         ས་ཆོད་ཆེན་པོ་ག་ལ་ཡོང་།།

                         རིན་བྲལ་གནའ་བོའི་དཔེ་རྙིང་དག།

                        དེང་འཕྲུལ་ལམ་ནས་དྲངས་བ་འདི།།

                         ལུང་གི་བསྟན་པ་མྱུར་སྐྱོབས་ཀྱི།།

                         ཐབས་རྩལ་བླ་ན་མེད་པ་ཞིག།། 

                                                                                                 

                      ༢༠༡༦/༡/༧ཉིན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།