༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 2 དཔེ་དེབ།
2 དཔེ་དེབ།
རྒྱལ་བའི་བཀའ་རིན་པོ་ཆེ་དཔར་ཐེངས་གཉིས་པའི་གསལ་བརྡ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་།] [གཟིགས་ཐེངས:]

སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་བཞུགས།

   ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ལ་དད་གུས་ལྷག་བསམ་ཆེ་བའི་གོང་འོག་བར་གསུམ་ཀུན་གྱིས་བླ་ན་མེད་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག  འདི་ག་ཁྱུང་པོ་སྟེང་ཆེན་དགོན་ <<གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་>>གིས།  སྤྱི་ལོ་ 2011 ལོར་ནས་དབུ་བཙུག་སྟེ།   ཀྲུང་ཧ་མི་རིགས་ཀྱི་རིག་གནས་དར་སྤེལ་ཆེད།  རྒྱུ་ཚེགས་དུས་གསུམ་གང་ལ་མ་འཛེམས་པ་གཏོང་ཕོད་ཀྱི་སྙིང་སྟོབས་བསྐྱེད་དེ། <<སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་>>ཞེས་པའི་པོད་ 200 ཅན་ཞིག་དག་བསྒྲིགས་ཞུས་ནས།  དཔར་ཐེངས་དང་པོ་ཀན་སུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་པས།  བླུ་ཉོ་མཁན་ཀུན་གྱིས་དགའ་བསུའི་ལེགས་གསོལ་ཀྱང་ཆེན་པོ་ཐོབ་ཡོད།  དེ་བཞིན་སླར་ཡང་རྒྱ་ཆེའི་མང་ཚོགས་རྣམ་པའི་རེ་འདུན་བཞིན།  ངེད་དཔེ་རྙིང་ཕྱོགས་སྒྲིག་ཁང་དང་།  ཀན་སུ་མི་རིགས་དཔེ་སྐྲུན་ཁང་ཟུང་ནས་དཔར་ཐེངས་གཉིས་པ་དཔར་བསྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པས།  ཁྱེད་བླུ་ཉོ་མཁན་ཚོས་གཤམ་གསལ་གྱི་ནང་དོན་ལ་གསན་གཟིགས་མཛད་རོགས།

 

 

༼ 

 སྤྱི་ལོ་ 2015 ལོའི་སྤྱི་ཟླ་ 5 པའི་ཚེས་ 1 སྔོན་དུ་བླུ་ཡོན་འབྱོར་ན།
དཔེ་རིན་སྒོར། 4800 དང་། 
སྤྱི་ཟླ། 5 པའི་ཚེས་ 1 རྗེས་སུ་བླུ་ཡོན་འཕྲོད་ན།
དཔེ་རིན་སྒོར།  5800 ཡིན།
 

  2 ༽

 སྤྱི་ལོ་ 2015 ལོར་ཟླ་ 2 ཚེས་ 20 ནས་བཟུང་དཔེ་རིན་ཆ་ཚང་མེད་ཀྱང་།  སྒོར་ 1000 ཡན་གྱི་གཏའ་མ་འཇོག་མཁན་རྣམས་དང་། གཏན་ཁེལ་གྱི་བླུ་ཐོ་འགོད་མཁན་རྣམས་ལ་རྗེས་སུ་དཔེ་ཆ་འདང་ངེས་བྱ་རྒྱུ་ཡིན།  གསལ་བཤད་དགོས་པ་ཞིག་ལ། དཔེ་ཆ་བླུ་མཁན་ཀུན་གྱིས་རྗེས་སུ་དཔེ་ཆ་ལེན་སྐབས། 

གླེགས་ཐག་ལ་སྒོར། 1000 དང་།

གདོང་དར་ལ་སྒོར། 1000  


བདལ་གླ་སྒོར། 390 བཅས་བསྡོམས་སྒོར་ 2390 དགོས།

 

    ༼ 3 ༽

   དཔེ་ཆའི་སྤུས་ཚད་དང་།  གདོང་དར།  གླེགས་ཐག་སོགས་ནི་སྔར་བཞིན་ཡིན།  དེ་སྔོན་དཔར་སྐྲུན་ཟིན་པའི་དཔེ་ཚོགས་ནང་མ་འཁོད་པའི་གནའ་དཔེ་རྩ་ཆེན་མཐོང་ཐོས་བྱུང་བ་དང་།  རང་མོས་ཐོག་ནས་ཞལ་འདེབས་གསར་དུ་འབུལ་མཁན།  དེ་སྔོན་ཞལ་འདེབས་ཕུལ་ཡང་ཐོ་མ་འཁོད་པ་རྣམས་ཀྱིས་ངེད་ཚོར་འབྲེལ་བ་གནང་རོགས་ཞུ།

  

༼ 4 ༽

འབྲེལ་གཏུགས་བྱ་ཡུལ།
སྟེང་ཆེན་དགོན་ལ།  བསོད་བཀྲ།
ཁ་པར། 13518954196
སྟེང་ཆེན་རྫོང་ཐོག་ལ།  ཡེ་ཤེས་ཚེ་རིང་། 
ཁ་པར། 13659551299
ནག་ཆུ་ལ།  ཚེ་དབང་དངོས་གྲུབ། 
ཁ་པར། 18008958171
ཁྲིན་ཏུའུ་ལ།  བསྟན་པ། 
ཁ་པར།  13982188985

   5 ༽ 

དངུལ་ཁང་ངམ་དྲ་ཐོག་ནས་བསྐུར་ཡུལ།
སྟེང་ཆེན་ལ་དངུལ་བྱང་།
དངུལ་བྱང་མིང་།  ཡེ་ཤེས་ཚེ་རིང་། 
帐户名字:益西泽仁
ཞིང་ལས་དངུལ་བྱང་ཨང་གྲངས།
农行卡号:
6228453876000893863


ནག་ཆུ་ལ་དངུལ་བྱང་།
དངུལ་བྱང་མིང་།  ཚེ་དབང་དངོས་གྲུབ།
帐户名字:次旺欧珠  
ཞིང་ལས་དངུལ་བྱང་ཨང་གྲངས།
农行卡号:
6228483878029695877

  

བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་སྟེང་ཆེན་དགོན།
གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས།
༢༠༡༥/༢/༡༩ ཉིན་ཕུལ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།