༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > མཚམས་སྦྱོར། > 4 གསར་བརྡ།
4 གསར་བརྡ།
ཁྱུང་པོ་སྟེང་ཆེན་དགོན་ནས་སྟོན་པའི་འཁྲུངས་མཆོད་ཆེན་མོ་འཚོགས་པའི་སྐོར།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-05-16] [རྩོམ་པ་པོ།:དྲེ་བཙུན་སྦྱིན་པ།] [གཟིགས་ཐེངས:]

 

དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། 

    རྣམ་མཁྱེན་ཡང་དག་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས།  ལོ་ཡི་དང་པོ་བྱི་བ།  ཟླ་བའི་དང་པོ་དཔྱིད་ཟླ་ར་བ།  ཞག་གི་དང་པོ་ཚེས་བཅོ་ལྔ།   དུས་ཚོད་ཀྱི་དང་པོ་ནམ་ལངས།  སྐར་མའི་དང་པོ་རྒྱལ་གྱི་རུ་གོང་ལ།  དག་ཞིང་འོལ་གླིང་དུ་སྐུ་མཆོག་མངོན་པར་བལྟམས་ནས་ད་ལྟའི་བར་མི་ལོ་༼༡༨༠༣༢༽འཁོར་བའི་སྐལ་བཟང་ཉིན་མོ་སྟེ།   དཔྱིད་ར་ཧོར་ཟླ་༼༡༢༽པའི་ཚེས་༼༡༥༽ཉིན་དེང་གི་ཆར་བོན་གྱི་གྲྭ་ས་ཕལ་གྱི་ལུགས་སྲོལ་བཞིན།  ཁྱུང་པོ་སྟེང་ཆེན་དགོན་ནས་ཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་དུ་འདི་ཟླའི་༼༡༤༽ལ་མཆོད་བཤམ་ལེགས་པར་བྱས་ནས།  དེའི་ཕྱི་ཉིན་ཚེས་པ་༼༡༥༽ཉིན་ནམ་ལངས་ཡོས་ཀྱི་ཐོག།  འདི་གའི་མཁན་སློབ་རྣམ་པ་དབུས་པའི་བཤད་སྒྲུབ་འདུས་གྲྭ་ཡོངས།  རྒྱས་འཚོགས་ངང་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཞལ་ཕྱེས་ཏེ་གསུངས་པ་རེད།  ཞོགས་པའི་ཆུ་ཚོད་༼༽པར།  དགེ་སྐོས་ཆེན་མོ་མཁར་པ་བསོད་ནམས་བློ་གྲོས་ནས་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་འཁྲུངས་པའི་དུས་ཚོད་ཁྱད་པར་ཅན་འདི་ཟླའི་ཚེས་༼༡༥༽ཁེལ་ཚུལ་སོགས་ཀྱི་གསལ་བཤད་གནང་།  དེ་ནས་སེམས་དཔའ་འདུས་སྡེ་རྣམ་པས་སོ་སོའི་གསུངས་མཚམས་ནས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཀློག་པ་དགེ་བའི་རྩ་བ་ལ་འཇུག་པ་བཅས་ཀྱི་གནས་བསྡུས་སོ།། 

 

ཁྱུང་པོ་སྟེང་ཆེན་དགོན་ལྔ་རིག་བཤད་སྒྲུབ་སློབ་གླིང་གི་ཕྱི་ཡི་ཡུལ་ལྗོངས།

གཤེན་གྱི་འཁྲུངས་མཆོད་ཆེན་མོ་མཆོད་པས་བསུ་བ། 

ཕུན་ཚོགས་འབྱོར་རྒྱས་ཁང་གི་མདུན་གྲལ་གྱི་རྣམ་པ།

སློབ་དཔོན་ཆེན་མོ་འཕགས་མཆོག་སེམས་དཔའ་མཆོག་ནས་བཀའ་འགྱུར་གསུང་བཞིན་པ།

 

 

 

 

 

 

 

 

འདུས་པ་རྒྱ་མཚོའི་གྲལ་ཟུར་གཡས་གཡོན་ནས་བླངས་པའི་འདྲ་པར་ཁག་ཅིག་འདིར་ཕེབས་ཀྱི་དྲྭ་གྲོགས་རྣམ་པའི་སྤྱན་ལམ་དུ་ཕུལ་བ། 

 

གཤེན་གྱི་བཙུན་ཆུང་རྣམས་ཀྱིས་བཀའ་འགྱུར་གསུང་བཞིན་པའི་རྣམ་པ། 

 

དགེ་སྐོས་ཆེན་མོ་མཁར་པ་བསོད་ནམས་བློ་གྲོས་མཆོག

    ཅུང་ཙམ་ཞུས་ན།  དེ་ཡང་མཛད་མདོ་རྒྱས་འབྲིང་རྣམས་དང་། བླ་ཆེན་དྲན་པ་སོགས་མང་ཐོས་མཁས་གྲུབ་དུ་མའི་དགོངས་པ་གཅིག་གནས་ཀྱི་སྒོ་ནས་གོང་ཞུས་ལྟར་གྱི་ལོ་ཟླ་ཞག་དུས་གཟའ་སྐར་དང་བཅས་པ་གསལ་བར་བསྟན་ཡོད་ཅིང་།  ལྷག་པར་དུ་བཅོ་ལྔའི་ཉ་སྐར་རྒྱལ་ལ་ཁེལ་བ་ཧོར་ཟླ་༼༡༢༽པའི་ཚེས༼༡༥༽མ་གཏོགས།  གཞན་པའི་ཟླ་ཚེས་དེ་དག་གི་ཉ་སྐར་རྒྱལ་ལ་ཐུག་ཐབས་མེད་པ་ནི།  དཔེར་ན།  ཉ་སྐར་གྱི་དབང་དུ་བྱས་པའི་ཟླ་བ་བཅུ་གཉིས་ནི།  ༡༡ སྐར་མ་མགོ་དང༌། ༡༢ རྒྱལ། ༡ མཆུ། ༢ དབོ། ༣ ནག་པ། ༤ ས་ག། ༥ སྣྲོན། ༦ ཆུ་སྟོད། ༧ གྲོ་བཞིན། ༨ ཁྲུམས་སྟོད། ༩ ཐ་སྐར། ༡༠ སྨིན་དྲུག་ཡིན་པས།  རིགས་པའི་སྒོ་ནས་ངེས་སོ།།  ལུང་ལས་ཀྱང་།  ལོ་རྒྱལ་ཤིང་ཕོ་བྱི་བ་ཡི། དཔྱིད་ར་མེ་སྟག་ཟླ་ཚེས་ ༡༥ ཀྱི། རྒྱལ་ཕུར་འཛོམས་པའི་ནམ་ལངས་ལ། འགྲོ་བ་རང་མཐུན་ཆ་ལུགས་སུ། མངོན་པར་བལྟམས་པ་ཕྱིན་གྱི་ལོ།  ཞེས་གསུངས་པའི་ཕྱིར་རོ།།  མདོར་ན།  འོ་ཅག་རྣམ་མཁྱེན་གཤེན་གྱི་རྗེས་འབྲེང་དང་།  དེའི་བཀའ་ལ་ཡིད་ཆེས་ཐག་ཆོད་པ་ཡོད་མཁན་ཞིག་ཡིན་ན་མཛད་མདོ་རྒྱས་འབྲིང་སོགས་གཟིགས་ན་ཐེ་ཚོམ་གྱི་དྲྭ་རྒྱ་སྔ་ནས་རལ་ས་འདུག།  ད་མི་བཤད།  དེང་གི་ཆར།  ཚིག་ཚོགས་ཉུང་ན་མ་གཏོགས་མང་ན་བམ་ཀློག་ཙམ་ལས་ཞིབ་ལྟ་མཁན་དཀོན་པས་ཆོག་པར་ཞུ།།

དྲེ་བཙུན་སྦྱིན་པ་ནས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།